措美县持续促进农牧民增收若干措施(试行)
措美县持续促进农牧民增收若干措施
(试行)
为深入贯彻落实《西藏自治区持续促进农牧民增收若干措施》和《山南市持续促进农牧民增收若干措施》精神,认真贯彻落实自治区党委、市委、县委经济工作会议和农村工作会议精神,强化农牧民增收举措,拓宽增收渠道,促进农牧民稳定增收,特制定以下措施。
一、提高经营性收入
1.推动全县消费发展。积极落实《措美县2025年端午节促消费活动实施方案》、《措美县推动消费品以旧换新活动实施方案》。(责任单位:发展改革和经信商务局)
2.推动农畜产品进机关。鼓励工会福利、党政机关、企事业单位食堂和学校食堂积极采购本地农畜产品。同时,鼓励干部职工和单位采取“以购代帮”形式,积极采购结对户和联系村(社区)农畜产品。(责任单位:县委组织部、群团工作部、教育(体)局、机关事务服务中心、各乡(镇)人民政府)
3.推动乡村旅游业。重点抓好以哲古湖、玛悟觉寺、古如拉措等为代表的乡村旅游资源,将民宿、酒店、宾馆与特色产品展销纳入旅游线路,提升旅游产品的吸引力和附加值,带动当地群众就业增收。举办好“干部职工和农牧民运动会”和“哲古草原音乐会”等活动,实现文旅融合促增收。(责任单位:教育(体)局、农业农村和科技水利局、文化和旅游局、各乡(镇)人民政府)
4.推动产业协同发展。完善相关农畜产品生产、加工、销售等环节的产业链,形成产业集群效应,促进产业的协同发展,不断激发农牧民内生动力,带动农牧民稳定增收。(责任单位:发展改革和经信商务局、农业农村和科技水利局、各乡(镇)人民政府)
二、提高工资性收入
5.推动“以工代赈”项目实施力度。2025年投入500万元,实施人大票决制项目,投入400万元,结合“千万工程”实施人居环境整治项目,符合条件项目采取“以工代赈”形式,由村(社区)承接,带动群众就近就便就业促进增收。(责任单位:发展改革和经信商务局、农业农村和科技水利局、各乡(镇)人民政府)
6.推动组织化转移就业水平。坚持将项目用工作为农牧民转移就业的重要渠道,严格落实县级干部项目包保机制,创造更多本地群众就近就便就业机会。完成培训劳动力600人、转移就业4800人,实现创收6700万元以上。(责任单位:人力资源和社会保障局、发展改革和经信商务局、各乡(镇)人民政府)
7.推动跨区域组织化转移就业。2025年投入50万元,落实跨区域组织化转移就业外出务工就业人员相关补贴。(责任单位:人力资源和社会保障局、各乡(镇)人民政府)
三、提高财产性收入
8.推动新型经营主体。积极申报培育新型经营主体培育,加大扶持新型经营主体,强化带动农牧民群众就近就业、分红、增收力度。积极引导群众向新型经营主体流转土地经营权,有序推动土地和草场规范化流转,为群众增收添活力。(责任单位:农业农村和科技水利局、自然资源和林业和草原局、市场监管局、各乡(镇)人民政府)
9.推动壮大村集体经济。积极引导群众向村集体流转土地经营权,对易地搬迁群众承包的耕地发放种子、实施社会化服务等措施,增加村集体收入。(责任单位:农业农村和科技水利局、自然资源和林业和草原局、各乡(镇)人民政府)
四、提高转移性收入
10.推动牲畜年均衡出栏。积极引导农牧民群众摆脱传统思想观念束缚,引导群众抓住牲畜膘情最佳期的前三季度加大出栏,逐步实现四季均衡出栏。2025年,结合措美实际,在自治区补贴基础上,牛、羊出售补贴资金分别提标100元/头、50元/只。补贴对象必须符合2025年牛羊出售补贴政策文件要求,享受提标补贴时限为2025年前三季度,补贴资金由本级财政承担。(责任单位:农业农村和科技水利局、财政局、各乡(镇)人民政府)
11.推动落实惠民利民政策。积极落实自治区“十项民生工程”和山南市“十件民生实事”,认真落实县级85万元防止返贫应急救助等惠民利民资金,持续保障和改善民生,不断增强人民群众获得感、幸福感、安全感。(责任单位:财政局、农业农村和科技水利局、各涉及落实惠民资金单位、各乡(镇)人民政府)
五、提高推动农牧民增收能力
12.充分发挥增收联络协调机制作用,落实好“一月一分析”“一季度一调度”工作机制,不折不扣推动好农牧民增收各项工作。(责任单位:增收联络协调机制办公室、各乡(镇)人民政府)
13.落实“县级领导对村(社区)进行增收包保”措施,按照职责清单对农户进行宣传、就业、教育帮扶。(责任单位:增收联络协调机制办公室、县委办、人大办、政府办、政协办、法院、县委宣传部、县委统战部、各乡(镇)人民政府)
14.聚焦“鼓励推动为主、激励奖惩为辅”,建立健全农牧民群众增收提高新动能的奖惩机制,认真落实《措美县2025年农牧民增收奖惩机制》、《措美县辅助调查员及专职调查员奖励办法》等机制。(责任单位:增收联络协调机制办公室、发展改革和经信商务局、人力资源和社会保障局、各乡(镇)人民政府)
15.紧密联系县发展改革和经信商务局(统计职能)、乡镇以及村(社区)主抓增收领导形成三方持续监督机制,避免统计数据出现漏报误报、误差误判,确保应统尽统、应纳尽纳。(责任单位:发展改革和经信商务局、各乡(镇)人民政府)
ཞིང་འབྲོག་པའི་འབབ་འཕར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་སྐོར་གྱི་མཚོ་སྨད་རྫོང་གི་བྱ་ཐབས་འགའ་ཞིག
( ཚོད་ལྟར་སྤྱོད་རྒྱུ )
《ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འགའ་ཞིག》དང《ཞིང་འབྲོག་པའི་འབབ་འཕར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་ལྷོ་ཁ་གྲོང་ཨུད། རྫོང་ཨུད་བཅས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས། ཞིང་འབྲོག་པའི་འབབ་འཕར་བྱ་ཐབས་ལ་ཤུགས་སྣོན་དང་འབབ་འཕར་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་གཤམ་འོག་གི་བྱ་ཐབས་ཁག་བཟོས་ཡོད།
གཅིག གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བའི་ཐད།
1.རྫོང་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ།《མཚོ་སྨད་རྫོང་གི་གགི་2025ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་ལག་བསྟར་ཇུས་གཞི》དང་《མཚོ་སྨད་རྫོང་གིས་འཛད་སྤྱོད་དངོས་ཟོག་རྙིང་ཚབ་གསར་བརྗེར་སྐུལ་འདེད་གཏོང་བའི་བྱེད་སྒོའི་ལག་བསྟར་ཇུས་གཞི》དོན་འཁྱོལ་ཧུར་ཐག་བྱེད་དགོས། (འགན་འཁྲིའི་ཚན་པ། གོང་འཕེལ་བསྒྱུར་བཅོས་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུད)
2.ཞིང་འབྲོག་ཐོན་རྫས་ལས་ཁུངས་ཀྱིས་ཉོ་སྒྲུབ་བྱེད་པར་སྐུལ་འདེད་གཏོང་བ། བཟོ་ཚོགས་ཀྱི་ཕན་བདེ་དང་། ཏང་སྲིད་ལས་ཁུངས། ཁེ་ལས་དང་བྱ་གཞག་ཚན་པའི་ཟ་ཁང་། སློབ་གྲྭའི་ཟ་ཁང་བཅས་ཀྱིས་ས་གནས་དེ་གའི་ཞིང་འབྲོག་ཐོན་རྫས་ཉོ་སྒྲུབ་བྱེད་པར་སྐུལ་མ་གཏོང་བ་དང་། དེ་བཞིན་ལས་བྱེད་ལས་བཟོ་དང་ཚན་པས"ཉོ་སྒྲུབ་བྱེད་པ་ལ་བརྟེན་ནས་རོགས་རམ་བྱེད་པའི"རྣམ་པ་སྤྱད་དེ་ཆ་སྒྲིག་དུད་ཚང་དང་འབྲེལ་གཏུག་གྲོང་ཚོའི(སྡེ་ཁུལ)ཞིང་འབྲོག་ཐོན་རྫས་ཉོ་སྒྲུབ་བྱེད་པར་སྐུལ་མ་གཏོང་དགོས། (འགན་འཁྲིའི་ཚན་པ། རྫོང་ཨུད་རྩ་འཛུགས་པུའུ་དང། མང་ཚོགས་ཚོགས་པའི་ལས་དོན་པུའུ། ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས། སློབ་གསོ་ཅུད། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་། )
3.གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་གཏོང་བ། གྲི་གུ་མཚོ་དང་སྨྲ་བོ་ལྕོག་དགོན། གུ་རུ་བླ་མཚོ་སོགས་ཀྱིས་མཚོན་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོས། དམངས་སྲོལ་གནས་ཚང་དང་གསོལ་མགྲོན་ཁང། མགྲོན་ཁང། ཁྱད་ལྡན་ཐོན་རྫས་འགྲེམ་འཚོང་བཅས་ཡུལ་སྐོར་ལམ་ཐིག་ནང་བཅུག་ནས་ཡུལ་སྐོར་ཐོན་རྫས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ཟུར་བསྣན་རིན་ཐང་མཐོ་རུ་བཏང་སྟེ་ས་གནས་དེ་གའི་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས། "ལས་བྱེད་ལས་བཟོ་དང་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས"དང་"གྲི་གུ་རྩྭ་ཐང་གི་རོལ་དབྱངས་འདུ་འཛོམས"སོགས་ཀྱི་བྱེད་སྒོ་ཡག་པོ་སྤེལ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་འབབ་འཕར་ཡོང་བ་བྱེད་དགོས། (འགན་འཁྲིའི་ཚན་པ། སློབ་གསོ(ལུས་རྩལ)ཅུད། རིག་གནས་དང་ཡུལ་སྐོར་ཅུད། ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་།)
4.ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། འབྲེལ་ཡོད་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན། བྲིན་ཚོང་སོགས་ལྷུ་ཚིགས་ཀྱི་ཐོན་ལས་འབྲེལ་ཐག་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་ཚོ་འདུས་ཀྱི་ཕན་ནུས་ཆགས་པ་དང་། ཐོན་ལས་མཐུན་སྦྱོར་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཀྱིས། ཞིང་འབྲོག་པའི་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་སྐུལ་སྤེལ་བྱས་ཏེ་ཞིང་འབྲོག་པའི་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། (འགན་འཁྲིའི་ཚན་པ། གོང་འཕེལ་བསྒྱུར་བཅོས་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུད། ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་། )
གཉིས། གླ་ཕོགས་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བའི་ཐད།
5."གུད་གསབ་ལས་སྤྲོད"ཀྱི་རྣམ་གྲངས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། 2025ལོར། མ་དངུལ་སྒོར་ཁྲི་500བཏང་ནས་དམངས་འཐུས་འཐུས་མིས་སྤ་སེ་དབྱུག་ནས་བརྡས་ཐག་གཅོད་པའི་ལམ་ལུགས་ཀྱི་རྣམ་གྲངས་ལག་བསྟར་བྱེད་པ་དང་། མ་དངུལ་སྒོར་ཁྲི་400བཏང་ནས་"ཁྲི་སྟོང་ལས་གཞི"དང་ཟུང་འབྲེལ་གྱིས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་གི་རྣམ་གྲངས་ལག་བསྟར་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་རྣམ་གྲངས"གུད་གསབ་ལས་སྤྲོད"ཀྱི་རྣམ་པ་སྤྱད་དེ་གྲོང་ཚོར(སྡེ་ཁུལ)སྒྲུབ་འགན་སྤྲད་ནས་མང་ཚོགས་རྣམས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཀྱིས་འབབ་འཕར་ཡོང་བར་སྐུལ་འདེད་བྱེད་དགོས། (འགན་འཁྲིའི་ཚན་པ། གོང་འཕེལ་བསྒྱུར་བཅོས་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུད། ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་།)
6.སྒྲིག་འཛུགས་ཅན་གྱི་གནས་སྒྱུར་ལས་ཞུགས་ཀྱི་ཆུ་ཚད་ལ་སྐུལ་འདེད་གཏོང་བའི་ཐད། རྣམ་གྲངས་ཁྲོད་ལས་མི་གླ་སྐུལ་བྱ་རྒྱུ་དེ་ཞིང་འབྲོག་པ་གནས་སྒྱུར་ལས་ཞུགས་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། རྫོང་རིམ་པའི་ལས་བྱེད་པས་རྣམ་གྲངས་འགན་གཙང་ལེན་པའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། ས་གནས་དེ་གའི་མང་ཚོགས་དེ་བས་མང་བ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་རྒྱུར་གོ་སྐབས་གཏོད་དགོས། ངལ་རྩོལ་ནུས་ཤུགས་མི་གྲངས་600ཡི་གསོ་སྦྱོང་དང་མི་གྲངས་4800ཡི་གནས་སྒྱུར་ལས་ཞུགས་ལེགས་གྲུབ་ཡོང་བ་བྱས་ཏེ། ཡོང་འབབ་སྒོར་ཁྲི་6700ཡནམངོན་གྱུར་ཡོང་བ་བྱེད་དགོས། (འགན་འཁྲིའི་ཚན་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད། གོང་འཕེལ་བསྒྱུར་བཅོས་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུད། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་།)
7.ས་ཁོངས་བརྒལ་བའི་སྒྲིག་འཛུགས་ཅན་གྱི་གནས་སྒྱུར་ལས་ཞུགས་ལ་སྐུལ་འདེད་གཏོང་བ། 2025ལོར་མ་དངུལ་སྒོར་ཁྲི་50བཏང་སྟེ། ས་ཁོངས་བརྒལ་བའི་སྒྲིག་འཛུགས་ཅན་གྱི་གནས་སྒྱུར་ལས་ཞུགས་ཕྱིར་སྐྱོད་གླ་པ་དང་ལས་ཞུགས་མི་སྣའི་འབྲེལ་ཡོད་ཁ་གསབ་དོན་འཁྱོལ་བྱེད་དགོས། (འགན་འཁྲིའི་ཚན་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད། ཤང(གྲོང་རྡལ)མི་དམངས་སྲིད་གཞུང )
གསུམ། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བའི་ཐད།
8.གཉེར་སྐྱོང་བྱེད་པོ་གསར་པར་སྐུལ་འདེད་གཏོང་བ། གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་བྱ་རྒྱུའི་སྙན་ཞུ་ཧུར་ཐག་འབུལ་བ་དང། གཉེར་སྐྱོང་བྱེད་པོ་གསར་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་འབྲོག་མང་ཚོགས་རྣམས་ཐག་ཉེ་སར་ལས་ཞུགས་དང། ཁེ་སྤོགས་བགོ་བ། འབབ་འཕར་ཡོང་བར་བཅས་ལ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། མང་ཚོགས་ཀྱིས་གཉེར་སྐྱོང་བྱེད་པོ་གསར་པར་ས་ཞིང་གཉེར་སྐྱོང་བྱེད་དབང་བརྒྱུད་བཤུག་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ས་ཞིང་དང་རྩྭ་ར་ཚད་ལྡན་ཅན་དུ་བརྒྱུད་བཤུག་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་གསོན་ཤུགས་སྤྲོད་དགོས། (འགན་འཁྲིའི་ཚན་པ། ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད། རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུད། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་། )
9.གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱིས་གྲོང་ཚོའི་མཉམ་སྡེབ་ལ་ས་ཞིང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། གནས་སྤོས་མང་ཚོགས་ཀྱིས་འགན་གཙང་བླངས་པའི་རྨོ་ཞིང་ལ་སོན་སྤྲོད་པ་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ལག་བསྟར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་མཐོ་རུ་གཏོང་དགོས། (འགན་འཁྲིའི་ཚན་པ། ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད། རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུད། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་།)
བཞི། སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བའི་ཐད།
10.ལོ་དེ་གའི་ནང་ཕྱུགས་རིགས་དོ་སྙོམས་ངང་བཤས་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཞིང་འབྲོག་པར་སྲོལ་རྒྱུན་བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་སྒྲོལ་བའི་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། ཕྱུགས་རིགས་ཤ་ཤེད་རྒྱས་པའི་དུས་ཏེ་དུས་ཚིགས་དང་པོ་ནས་གསུམ་པ་བར་བཤས་གཏོང་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་གྱིས། དུས་ཚིགས་བཞིའི་བཤས་གཏོང་ཚད་དོ་སྙོམས་ཡོང་བ་བྱེད་དགོས། 2025ལོར་མཚོ་སྨད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཁ་གསབ་ཀྱི་རྨང་གཞིའི་ཐོག་ནོར་ལུག་ཕྱིར་ཚོང་གི་ཁ་གསབ་དངུལ་གྲངས་དེ་མགོ་གྲངས་རེར་སྒོར་100དང་50སོ་སོར་མཐོ་རུ་གཏོང་དགོས། ཁ་གསབ་བྱ་ཡུལ་དེ་ངེས་པར་དུ་2025ལོའི་ནོར་ལུག་ཕྱིར་ཚོང་ཁ་གསབ་སྲིད་ཇུས་ཀྱི་ཡིག་ཆའི་བླང་བྱ་དང་མཐུན་དགོས་པ་དང་། 2025ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་ཚད་འདེགས་ཁ་གསབ་སྤྱོད་ཆོག ཁ་གསབ་མ་དངུལ་དེ་རིམ་པ་དེ་གའི་ནོར་སྲིད་ཀྱིས་འགན་འཁུར་དགོས། (འགན་འཁྲིའི་ཚན་པ། ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད། ནོར་སྲིད་ཅུད། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་།)
11.དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། རང་སྐྱོང་ལྗོངས་ཀྱི"དམངས་ཕན་ལས་གྲྭ་ཆེན་པོ་བཅུ"དང་ལྷོ་ཁ་གྲོང་ཁྱེར་གྱི"དམངས་འཚོའི་དངོས་དོན་བཅུ"དོན་འཁྱོལ་ཧུར་ཐག་དང་། རྫོང་རིམ་པའི་དབུལ་ལོག་སྔོན་འགོག་གི་འཕྲལ་སྡོམ་རོགས་སྐྱོབ་སོགས་དམངས་ཕན་མ་དངུལ་སྒོར་ཁྲི་85དོན་འཁྱོལ་ནན་ཏན་གྱིས། དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། (འགན་འཁྲིའི་ཚན་པ། ནོར་སྲིད་ཅུད། དམངས་ཕན་མ་དངུལ་དང་འབྲེལ་བ་ཡོད་པའི་ཚན་པ་ཁག ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་། )
ལྔ། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ནུས་པ་མཐོ་རུ་གཏོང་བའི་ཐད།
12.འབབ་འཕར་གྱི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། "ཟླ་རེར་དབྱེ་ཞིབ་ཐེངས་རེ"དང" དུས་ཚིགས་རེར་བཀོད་གཏོང་ཐེངས་རེ"བྱེད་པའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ཡག་པོས་ཞིང་འབྲོག་པའི་འབབ་འཕར་གྱི་ལས་དོན་ཁག་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། (འགན་འཁྲིའི་ཚན་པ། འབབ་འཕར་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་གཞུང་ལས་ཁང་། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་། )
13."རྫོང་རིམ་པའི་འགོ་ཁྲིད་ཀྱིས་གྲོང་ཚོ(སྡེ་ཁུལ)ཡི་འབབ་འཕར་ལ་འགན་འཁྲི་གཙང་ལེན་བྱེད་པའི"བྱ་ཐབས་དོན་འཁྱོལ་བྱས་ཏེ་འགན་འཁྲིའི་གསལ་ཐོ་གཞིར་བཟུང་ཞིང་དུད་ལ་དྲིལ་བསྒྲགས་དང་ལས་ཞུགས། སློབ་གསོ་བཅས་ཀྱི་རོགས་སྐྱོར་བྱེད་དགོས། (འགན་འཁྲིའི་ཚན་པ། འབབ་འཕར་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་གཞུང་ལས་ཁང་། རྫོང་ཨུད་གཞུང་ལས་ཁང་། སྲིད་གཞུང་གཞུང་ལས་ཁང་། དམངས་འཐུས་གཞུང་ལས་ཁང་། སྲིད་གྲོས་གཞུང་ལས་ཁང་། རྫོང་ཨུད་དྲིལ་བསྒྲགས་པུའུ། རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། ཁྲིམས་ཁང། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་།)
14."སྐུལ་འདེད་སྐུལ་མ་གཏོང་རྒྱུ་གཙོ་བོར་བྱེད་པ་དང་བྱ་དགའ་ཆད་གཅོད་ཀྱིས་སྐུལ་ལྕག་གཏོང་རྒྱུ་ཕལ་པར་འཛིན་རྒྱུར"དམིགས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་གྱི་སྒུལ་ནུས་གསར་པ་མཐོ་རུ་གཏོང་བའི་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། 《 2025ལོའི་མཚོ་སྨད་རྫོང་གི་ཞིང་འབྲོག་པའི་འབབ་འཕར་གྱི་བྱ་དགའ་ཆད་གཅོད་ལམ་སྲོལ》དང《མཚོ་སྨད་རྫོང་གི་བརྟག་དཔྱད་གཞོགས་འདེགས་པ་དང་ཆེད་བསྐོས་བརྟག་དཔྱད་པར་བྱ་དགའ་སྤྲོད་པའི་བྱ་ཐབས》སོགས་ཀྱི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱེད་དགོས། (འགན་འཁྲིའི་ཚན་པ། འབབ་འཕར་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་གཞུང་ལས་ཁང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད། གོང་འཕེལ་བསྒྱུར་བཅོས་དང་དཔལ་འབྱོར་དང་ཆ་འཕྲིན་ཚོང་དོན་ཅུད། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་། )
15.རྫོང་གོང་འཕེལ་བསྒྱུར་བཅོས་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུད(བསྡོམས་རྩིས་འགན་ནུས)དང་ཤང་གྲོང་རྡལ། དེ་བཞིན་གྲོང་ཚོ(སྡེ་ཁུལ)བཅས་ཀྱི་ཡོང་འབབ་འཕར་སྣོན་ལ་དམ་འཛིན་བྱེད་མཁན་འགོ་ཁྲིད་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཕྱོགས་གསུམ་གྱི་རྒྱུན་མཐུད་ལྟ་སྐུལ་ལམ་སྲོལ་ཞིག་ཆགས་པ་བྱས་ཏེ། བསྡོམས་རྩིས་གྲངས་གཞི་སྙན་ཞུ་ཆ་མི་ཚང་བ་དང་ནོར་འཁྲུལ་ཤོར་བ། བསྡོམས་རྩིས་གྲངས་གཞིར་ཧེ་བག་གཏོང་བ་དང་བརྡར་གཅོད་ནོར་བའི་གནས་ཚུལ་མི་ཐོན་པ་བྱས་ནས། སྡོམ་རྩིས་བྱེད་དགོས་རིགས་ཚང་མ་བསྡོམས་དགོས་པ་དང་ནང་དུ་འཇུག་དགོས་རིགས་ཚང་མ་བཅུག་ཐུབ་པའི་འགན་ལེན་བྱེད་དགོས། (འགན་འཁྲིའི་ཚན་པ། གོང་འཕེལ་བསྒྱུར་བཅོས་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུད། ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་། )