措美县“健康体重,幸福生活”减重挑战活动倡议书
མཚོ་སྨད་རྫོང་གི“བདེ་ཐང་གི་ལུས་པོའི་ལྗིད་ཚད་ནི། བདེ་སྐྱིད་འཚོ་བའི་རྨང་གཞི་ཡིན”ཞེས་པའི་ལུས་ཤ་སྐེམ་དུ་གཏོང་བའི་འགྲན་བསྡུར་གྱི་གྲོས་འདོན་ཡི་གེ།
全县广大干部职工、居民朋友们:
རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་པ་དང་གྲོང་མི་རྣམ་པ།
健康是幸福生活的基石,合理体重是身体健康的重要标志。为积极响应国家 “体重管理年” 活动号召,深入贯彻《健康中国行动(2019-2030 年)》精神,有效防控超重肥胖问题,倡导文明健康、绿色环保的生活方式,措美县卫健委、措美县疾控中心、措美县总工会联合,特发起 “健康体重,幸福生活” 减重挑战活动,在此,我们向全县人民发出诚挚倡议:
བདེ་ཐང་ནི་བདེ་སྐྱིད་འཚོ་བའི་རྨང་གཞི་ཡིན་ལ། འཚམ་མཐུན་གྱི་ལུས་པོའི་ལྗིད་ཚད་ནི་གཟུགས་གཞི་བདེ་ཐང་གི་མཚོན་རྟགས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཀྱི“ལུས་ལྗིད་དོ་དམ་ལོའི”བྱེད་སྒོའི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་བ་དང་། 《(༢༠༡༩ལོ་ནས་༢༠༣༠ལོ་བར)གྱི་བདེ་ཐང་ཀྲུང་གོའི་བྱ་སྤྱོད》ཀྱི་སྙིང་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཚད་ལས་བརྒལ་བའི་རྒྱགས་པ་ཆགས་པའི་གནད་དོན་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་པ་བཅས་ཀྱིས། ཤེས་དཔལ་བདེ་ཐང་དང་། འབྱུང་འཕྲོད་ཁོར་སྲུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་ཆེད། མཚོ་སྨད་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། མཚོ་སྨད་རྫོང་ནད་རིགས་ཚོད་འཛིན་ལྟེ་གནས། མཚོ་སྨད་རྫོང་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག “བདེ་ཐང་གི་ལུས་པོའི་ལྗིད་ཚད་ནི། བདེ་སྐྱིད་འཚོ་བའི་རྨང་གཞི་ཡིན”ཞེས་པའི་ལུས་ཤ་སྐེམ་དུ་གཏོང་བའི་འགྲན་བསྡུར་སྤེལ་རྒྱུ་ཡིན་པས། རྫོང་ཡོངས་ཀྱི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱིས་གྲོས་འགོ་འདོན་རྒྱུ་གཤམ་གསལ།
树立健康理念,争做体重管理的践行者。充分认识超重肥胖对身体健康的危害,主动学习科学体重管理知识,摒弃不良健康观念,树立“科学减重、健康至上”的理念,将体重管理融入日常生活,主动关注自身体重变化,做自己健康的第⼀责任人。
བདེ་ཐང་གི་ལྟ་བ་བརྟན་པོ་བཙུགས་ནས་གཟུགས་པོའི་ལྗིད་ཚད་དོ་དམ་གྱི་ལག་ལེན་པ་ཞིག་བྱེད་དགོས། ཤ་རྒྱགས་དྲག་ན་གཟུགས་གཞི་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད་པར་ངོས་འཛིན་གང་ལེགས་ཀྱིས། ཚན་རིག་དང་མཐུན་པར་ལུས་པོའི་ལྗིད་ཚད་ལ་དོ་དམ་བྱེད་པའི་ཤེས་བྱ་རང་འགུལ་གྱིས་སློབ་སྦྱོང་བྱེད་པ་དང་། བདེ་ཐང་གི་འདུ་ཤེས་མི་ལེགས་པ་དོར་བ། “ཚན་རིག་དང་མཐུན་པར་ལུས་ཤ་སྐེམ་དུ་གཏོང་བ་དང་། བདེ་ཐང་གཙིགས་སུ་འཛིན་པའི”འདུ་ཤེས་བཙུགས་ཏེ། ལུས་པོའི་ལྗིད་ཚད་སྙོམ་སྒྲིག་བྱེད་རྒྱུ་དེ་རྒྱུན་གཏན་འཚོ་བའི་ནང་འཁྱོལ་བ་བྱས་ནས། རྒྱུན་དུ་རང་འགུལ་ཐོག་ལུས་པོའི་ལྗིད་ཚད་ཀྱི་འགྱུར་བར་དོ་སྣང་གིས། རང་ཉིད་ནི་རང་གི་བདེ་ཐང་སྲུང་མཁན་ཨང་དང་པོ་དེ་ཡིན་པ་བློ་ལ་ངེས་དགོས།
践行健康饮食,争做合理膳食的推动者。积极践行“三减三健” 健康准则,合理搭配膳食,均衡营养摄入,拒绝高油、高盐、高糖食物,杜绝暴饮暴食、偏食挑食,养成规律进餐、八分饱的良好饮食习惯,以健康饮食为体重管理筑牢根基,享受营养均衡的美好生活。
བདེ་ཐང་གི་བཟའ་བཏུང་ལག་ལེན་བསྟར་ཞིང་ཚད་མཐུན་གྱི་ཟ་མར་སྐུལ་འདེད་གཏོང་མཁན་ཞིག་བྱེད་དགོས། “ཉུང་དུ་གཏོང་བ་གསུམ་དང་བདེ་ཐང་གསུམ”གྱི་བདེ་ཐང་ཚད་གཞི་ལག་བསྟར་ཧུར་ཐག་བྱེད་པ་དང་། བཟའ་བཅའ་སྙོམ་སྒྲིག་ཚད་མཐུན་གྱིས་འཚོ་བཅུད་དོ་སྙོམས་ཡོང་བར་བྱེད་པ། ཚྭ་མངར་ཚིལ་གསུམ་མང་བའི་བཟའ་བཅའ་མི་བསྟེན་པ། བག་མེད་ཟ་འཐུང་དང་ཁ་ཟས་ལ་གདམ་ག་མི་བྱེད་པར། ལྟོ་དུས་ལྟར་ཟ་མ་བསྟེན་པ་དང་ཟ་ཚོད་རན་པར་ཟ་བའི་གོམས་གཤིས་བཟང་པོ་འཇགས་པ་བྱས་ཏེ། ཚད་མཐུན་གྱི་བཟའ་བཏུང་ལ་བརྟེན་ནས་ལུས་ལྗིད་དོ་དམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། འཚོ་བཅུད་དོ་སྙོམས་ལྡན་པའི་འཚོ་བ་སྐྱིད་པོར་རོལ་དགོས།
坚持科学运动,争做健康体魄的塑造者。告别久坐不动的生活习惯,结合自身情况选择健步走、工间操、慢跑等适宜的运动方式,坚持规律运动、适度锻炼,做到吃动平衡。积极参与单位、社区组织的各类健身活动,在运动中增强体质、塑造身形,收获健康与活力。
ཚན་རིག་དང་མཐུན་པའི་འགུལ་སྐྱོད་རྒྱུན་འཁྱོངས་བྱས་ཏེ་བདེ་ཐང་གི་ལུས་པོ་རང་ཉིད་ལ་དབང་བ་བྱེད་དགོས། ས་ཆ་གཅིག་ཏུ་ཡུན་རིང་ཙོག་པུར་སྡོད་པའི་གོམས་གཤིས་ངན་པ་དོར་བ་དང་། རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་དང་བསྟུན་ནས་གོམ་བགྲོད་བྱེད་པའམ། ལས་གསེང་ལུས་སྦྱོང་བྱེད་པ། དལ་རྒྱུག་བྱེད་པ་སོགས་གང་ལ་དེ་འཚམ་གྱི་འགུལ་སྐྱོད་བྱེད་སྟངས་བདམས་ཏེ། ཆོས་ཉིད་ལྡན་པའི་འགུལ་སྐྱོད་དམ་ལུས་སྦྱོང་འོས་འཚམ་+རྒྱུན་འཁྱོངས་ཀྱིས་ཁ་ཟས་དང་འགུལ་སྐྱོད་དོ་མཉམ་ཡོང་བ་བྱེད་དགོས། ལས་ཁུངས་དང་སྡེ་ཁུལ་སོགས་ཀྱིས་སྒྲིག་འཛུགས་བྱས་པའི་ལུས་སྦྱོང་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་ཞུགས་ཏེ། ལུས་སྦྱོང་ལ་བརྟེན་ནས་གཟུགས་གཞི་བདེ་ཐང་དང་གཟུགས་བྱད་ཡག་པོ་ཡོང་བ་དང་། བདེ་ཐང་དང་གསོན་ཤུགས་གཉིས་ཀ་འཕེལ་བ་བྱེད་དགོས།
踊跃参与活动,争做幸福生活的创造者。本次减重挑战活动面向全县健康成年人开放,为期三个月,全程有专业医疗团队提供科学指导,设置多重奖励激励大家积极践行健康生活。请符合条件的朋友们,在 5 月 20日- 5 月 31 日期间,前往县疾控中心、各乡镇卫生院、各村卫生室报名参与,签署知情同意书,开启科学减重之旅。
བྱེད་སྒོར་ཧུར་ཐག་ཞུགས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་མཁན་ཞིག་བྱེད་དགོས། ད་ཐེངས་ཀྱི་ལུས་ཤ་སྐེམ་དུ་གཏོང་བའི་འགྲན་བསྡུར་དེ་རྫོང་ཡོངས་ཀྱི་བདེ་ཐང་ལྡན་པའི་ན་སོ་ལོན་པའི་མི་སྣར་ཕྱོགས་པ་དང་དུས་ཡུན་ཟླ་བ་གསུམ་ཡིན་ལ། བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ཆེད་ལས་སྨན་བཅོས་ཚོགས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་མཁོ་འདོན་བྱེད་ཀྱི་ཡོད། ཚང་མས་བདེ་ཐང་གི་འཚོ་བར་རོལ་རྒྱུར་ལྕག་སྐུལ་བྱེད་ཆེད་བྱ་དགའ་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་པས། ཆ་རྐྱེན་དང་མཐུན་པའི་གྲོགས་པོ་རྣམ་པ། ཟླ་༥ཚེས་༢༠ཉིན་ནས་ཟླ་༥ཚེས་༣༡ཉིན་བར་རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། གྲོང་ཚོ་ཁག་གི་འཕྲོད་བསྟེན་ཁང་བཅས་སུ་མིང་ཐོ་འགོད་པར་ཕེབས་རོགས། མོས་མཐུན་ཡི་གེར་མིང་རྟགས་བཀོད་རྗེས་ཚན་རིག་དང་མཐུན་པའི་ངང་ལུས་ཤ་སྐེམ་དུ་གཏོང་བའི་འགོ་ཚུགས་པ་ཡིན།
坚守安全原则,争做科学减重的守护者。活动全程坚守科学、安全第一的原则,拒绝极端节食、过度运动等不健康减重方式,特殊人群(患有严重心脑血管疾病、肝肾疾病、妊娠期等)在医生专业指导下参与。活动期间我们将不定期推送健康知识、开展健康讲座,助力大家科学管理体重,稳步改善身体健康状况。
བདེ་འཇགས་ཀྱི་རྩ་དོན་བརྟན་སྲུང་གིས་ཚན་རིག་དང་མཐུན་པའི་ངང་ལུས་ཤ་སྐེམ་དུ་གཏོང་བའི་སྲུང་སྐྱོང་བ་ཞིག་བྱེད་དགོས། བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ཚན་རིག་དང་བདེ་འཇགས་ཨང་དང་པོར་འཇོག་པའི་རྩ་དོན་བརྟན་སྲུང་དང་། ཟས་གཅོག་ཐལ་དྲགས་པ་དང་འགུལ་སྐྱོད་བྱེད་དྲགས་པ་སོགས་བདེ་ཐང་ལ་གནོད་པའི་ལུས་ཤ་སྐེམ་དུ་གཏོང་ཐབས་གཏན་འགོག་བྱེད་དགོས། ཀླང་སྙིང་ཁྲག་རྩའི་ནད་ཚབས་ལྕི་བ་དང་། མཆིན་པ་དང་མཁལ་མའི་ནད་ཕོག་པ། མངལ་ཆགས་པ་སོགས་དམིགས་བསལ་མི་ཚོགས་ཀྱིས་སྨན་པའི་ཆེད་ལས་མཛུབ་ཁྲིད་ལྟར་ཞུགས་དགོས། བྱེད་སྒོ་སྤེལ་རིང་ང་ཚོས་དུས་ངེས་མེད་དུ་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་དང་བདེ་ཐང་གི་འཆད་ཁྲིད་སྤེལ་ནས། ཚང་མར་ཚན་རིག་དང་མཐུན་པའི་སྒོ་ནས་ལུས་ལྗིད་དོ་དམ་བྱེད་པ་དང་། གཟུགས་གཞིར་རིམ་བཞིན་འགྱུར་ལྡོག་ཡོང་རྒྱུར་རམ་འདེགས་བྱེད་རྒྱུ་ཡིན།
体重做减法,健康做加法,幸福做乘法,让我们以此次减重挑战活动为契机,积极行动起来,用科学的方法、坚定的毅力,管理健康体重,践行健康生活,共同营造全县人人关注健康、人人参与减重的良好氛围,携手共建健康措美、幸福家园!
ལུས་པོའི་ལྗིད་ཚད་མར་ལ་འཕྲི། གཟུགས་པོའི་བདེ་ཐང་ཡར་ལ་སྣོན། བདེ་སྐྱིད་འཚོ་བ་ལྡབ་སྒྱུར་བྱ། ང་ཚོས་ད་ཐེངས་ཀྱི་ལུས་ཤ་སྐེམ་དུ་གཏོང་བའི་འགྲན་བསྡུར་དེ་གོ་སྐབས་སུ་བཟུང་ནས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་ལ་བརྟེན་ནས། བདེ་ཐང་གི་ལྗིད་ཚད་སྲུང་བ་དང་བདེ་ཐང་གི་འཚོ་བ་ལག་ལེན་བསྟར་ཏེ། རྫོང་ཡོངས་ཀྱི་མི་ཚང་མས་མཉམ་དུ་བདེ་ཐང་ལ་དོ་ཁུར་དང་མཉམ་དུ་ལུས་ཤ་སྐེམ་དུ་གཏོང་བའི་རྣམ་པ་བཟང་པོ་བཏོད་ནས། བདེ་ཐང་གི་མཚོ་སྨད་དང་བདེ་སྐྱིད་ཀྱི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས།
