为进一步规范辖区道路交通秩序,有效预防和减少道路交通事故,全力保障人民群众生命财产安全,切实营造文明、有序、安全的道路交通环境,依据《中华人民共和国道路交通安全法》《中华人民共和国道路交通安全法实施条例》《西藏自治区道路交通安全条例》等相关法律法规,措美县公安局交通管理大队决定,在全县范围内开展道路交通违法行为集中整治行动。现将有关事项公告如下:
一、整治时间
自本公告发布之日起,全覆盖、常态化开展道路交通违法行为集中整治,同步开展专项突击整治,持续巩固整治成效。
二、整治范围
全县国省干道、县乡道路、农村道路、城区主次干道、学校周边、商店周边等重点路段重点区域。
三、整治重点违法行为
(一)二、三轮摩托车(纯加油)重点违法行为
严查无摩托车驾驶证驾驶摩托车、酒驾醉驾、驾驶或乘坐摩托车时未按规定佩戴安全头盔、违反规定载人,超出车辆核定载客人数、逆向行驶、不按道路规定方向行驶、不按照交通信号灯指示通行,闯红灯、抢黄灯等。
(二)机动车重点违法行为
严查驾乘人员不按规定使用安全带、酒驾醉驾、无证驾驶、超速行驶、逆向行驶、闯红灯、不按导向车道行驶、压线变道、违法超车、违法停车、占用消防通道停车、货车超载超限、疲劳驾驶、客运车辆超员、假牌套牌、伪造变造号牌、逾期未检验、报废车上路行驶、非法改装车辆、“飙车炸街”等严重交通违法行为。
(三)非机动车重点违法行为
整治非机动车乱停乱放;严查电动自行车驾乘人员未按规定佩戴安全头盔、电动自行车闯红灯、抢黄灯和逆向行驶等违法行为。
(四)行人及其他重点违法行为
严查行人闯红灯、横穿马路、不走人行横道等影响道路交通秩序的行为。
四、整治措施
(一)严格执法查处:根据《中华人民共和国道路交通安全法》《中华人民共和国道路交通安全法实施条例》《西藏自治区道路交通安全条例》等相关法律法规,交管部门将采取定点检查、流动巡逻、夜间清查、科技抓拍相结合的方式,对各类交通违法行为做到发现一起、查处一起、教育一起,对违法违规行为依法予以罚款、记分、暂扣车辆、行政拘留等处罚,绝不姑息。
(二)教育与劝导相结合:对情节轻微、首次违法的行为,坚持教育与处罚相结合原则,现场开展交通安全宣传教育,引导违法当事人自觉纠正违法行为,增强守法出行意识。
(三)公开曝光警示:通过措美县公安局、网信措美等官方微信公众号平台,定期公开曝光典型交通违法案例、违法车辆及驾驶人,强化社会监督,形成震慑效应。
五、相关要求
(一)请广大交通参与者自觉遵守道路交通安全法律法规,主动摒弃交通陋习,做到文明驾驶、安全出行、规范停车,积极配合交管部门执法工作。
(二)机动车驾驶人、非机动车驾驶人、行人应严格按照交通信号、交通标志标线及交警指挥通行,杜绝各类交通违法行为。
(三)对阻碍交警依法执行职务、暴力抗法、拒不配合执法的,公安机关将依法从严追究其法律责任。
(四)欢迎广大干部群众积极举报交通违法行为,举报电话:0893-7402152。
特此公告。
措美县公安局交通管理大队
2026年4月3日
གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་རྒྱུའི་སྐོར་གྱི་མཚོ་སྨད་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་སྤྱི་བསྒྲགས།
རང་རེའི་རྫོང་གི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་སྔར་བས་ཤུགས་སྣོན་དང་།གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་མ་བྱུང་སྔོན་འགོག་དང་ཉུང་དུ་བཏང་ནས་མི་དམངས་མངས་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱས་ཏེ། ཡ་རབས་དང་གོ་རིམ་ལྡན་པ། བདེ་འཇགས་བཅས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་གཏོད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་བདེ་འཇགས་སྲོལ་ཡིག་》སོགས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང།མཚོ་སྨད་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་རང་རེའི་རྫོང་ཁོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་རྒྱུའི་ཐག་བཅད་ཡོད། འབྲེལ་ཡོད་དོན་ཚན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
དང་པོ། བཅོས་སྒྲིག་གི་དུས་ཚོད།
སྤྱི་བསྒྲགས་འདི་སྤེལ་བའི་ཉིན་ནས་ཕྱོགས་ཡོངས་སུ་རྒྱུན་གཏན་རང་བཞིན་གྱི་བཅོས་སྒྲིག་བྱ་རྒྱུ་མ་ཟད། སྐབས་འཕྲལ་ཆེད་དོན་བཅོས་སྒྲིག་བྱས་ཏེ་བཅོས་སྒྲིག་གི་འབྲས་བུ་རྒྱུན་མཐུད་སྲ་བརྟན་གཏོང་རྒྱུ།
གཉིས་པ། བཅོས་སྒྲིག་གི་ཁྱབ་ཁོངས།
རྫོང་ཡོངས་ཀྱི་གཞུང་ལམ་ཨ་མ་དང་ཕལ་པ། དེ་བཞིན་སློབ་གྲྭ་དང་ཚོང་ལས་ཁུལ་མཐའ་འཁོར་གྱི་ལམ་དུམ་དང་ས་ཁོངས་གཙོ་བོ།
གསུམ་པ། བཅོས་སྒྲིག་བྱེད་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་གཙོ་བོ།
(གཅིག) འཁོར་གཉིས་སམ་འཁོར་གསུམ་སྣུམ་སྣོན་སྦག་སྦག་གི་ཁྲིམས་འགལ་བྱེད་སྤྱོད་གཙོ་བོ།
ལག་འཁྱེར་མེད་པར་སྦག་སྦག་གཏོང་བ་དང་། ཆང་རག་བཏུངས་ནས་སྦག་སྦག་གཏོང་བ། སྦག་སྦག་གཏོང་མཁན་དང་རྒྱབ་བཞོན་མི་སྣས་སྦག་ཞྭ་མ་གྱོན་པ། གཏན་འབེབས་ལས་འགལ་ནས་མི་བླུགས་པ། ཚད་གཞི་ནས་འགལ་ནས་མི་བླུགས་པ། གཞུང་ལམ་ཐོག་ཁ་ཕྱོགས་ལྡོག་ནས་བསྐྱོད་པ། ལམ་ཐིག་ལ་རྩིས་མེད་ཀྱིས་བསྐྱོད་པ། འགྲིམ་འགྲུལ་གྱི་གློག་བརྡ་བཞིན་མི་བསྐྱོད་པ་དང་། གློག་དམར་བརྒལ་བ། གློག་སེར་སྐབས་ཧམ་སྐྱོད་བྱེད་པ།
(གཉིས) འཕྲུལ་སྒུལ་འཁོར་རིགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་གཙོ་བོ།
འཁོར་རིགས་གཏོང་མཁན་དང་འགྲུལ་པས་བདེ་འཇགས་ཐག་པ་ མ་བརྒྱབ་པ་དང་། ལག་འཁྱེར་མེད་པར་འཁོར་རིགས་གཏོང་བ། མྱུར་ཚད་བརྒལ་ནས་སྐྱོད་པ། ཁ་ཕྱོགས་ལྡོག་ནས་སྐྱོད་པ། གློག་དམར་ལ་བརྒལ་བ་དང་ལམ་ཐིག་ལྟར་མི་སྐྱོད་པ། ཐིག་བརྫིས་ནས་བསྐྱོད་པའམ་ལྡོག་ཕྱོགས་ཀྱི་འཁོར་ལམ་ཐོག་སྐྱོད་པ། སྒྲིག་འགལ་ངང་འཁོར་བརྒལ་བྱེད་པ། མེ་གསོད་ཆེད་ལམ་ཐོག་འཁོར་རིགས་འཇོག་པ། ཟོག་འདྲེན་རླངས་འཁོར་གྱི་ལྗིད་ཚད་ཚད་ལས་བརྒལ་བའམ་མཐོ་ཚད་ལས་བརྒལ་བ། ངལ་དུབ་ཀྱིས་འཁོར་རིགས་གཏོང་བ། འགྲུལ་སྐྱེལ་རླངས་འཁོར་ནང་འགྲུལ་པ་ཚད་ལས་བརྒལ་ནས་བླུགས་པ། འཁོར་བྱང་རྫུན་མ་བཀར་བའམ་ བཀབ་པ། ཞིབ་བཤེར་དུས་ཚད་ལས་བརྒལ་བ། ལྕགས་རོར་བཏང་བའི་འཁོར་རིགས་གཞུང་ལམ་དུ་སྐྱོད་པ། ཁྲིམས་འགལ་ངང་འཁོར་རིགས་བཟོ་བཅོས་བྱེད་པ། གཞུང་ལམ་ཐོག་འཁོར་རྩལ་ངོམས་ནས་གཞུང་ལམ་གྱི་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ཚབས་ཆེ་བའི་གཞུང་ལམ་སྒྲིག་འགལ་བྱ་སྤྱོད་བཅོས་སྒྲིག་བྱ་རྒྱུ།
(གསུམ) འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་གཙོ་བོ།
འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་འཇོག་པའི་རིགས་བཅོས་སྒྲིག་དང་། གློག་སྒུལ་རྐང་འཁོར་གཏོང་མཁན་གྱིས་གཏན་འབེབས་ལྟར་སྦག་ཞྭ་གྱོན་མེད་པ་དང་། གློག་སྒུལ་རྐང་འཁོར་བཏང་ནས་གློག་དམར་བརྒལ་བ་དང་གློག་སེར་སྐབས་ཧམ་སྐྱོད་བྱེད་པ། ཁ་ཕྱོགས་ལྡོག་ནས་སྐྱོད་པ་སོགས་ཀྱི་འགྲིམ་འགྲུལ་སྒྲིག་འགལ་བྱ་སྤྱོད་བཅོས་སྒྲིག་བྱ་རྒྱུ།
(བཞི) རྐང་ཐང་དུ་འགྲོ་མཁན་དང་དེ་མིན་གྱི་ཁྲིམས་འགལ་བྱེད་སྤྱོད་གཙོ་བོ།
རྐང་ཐང་དུ་འགྲོ་མཁན་གྱིས་གློག་དམར་བརྒལ་ནས་འགྲོ་བ་དང་སྒྲིག་འགལ་གྱིས་གཞུང་ལམ་ཕྲེད་བཅད་གཏོང་བ། མི་འགྲོའི་ལམ་དུ་མི་སྐྱོད་པ་སོགསཀྱི་གཞུང་ལམ་སྒྲིག་ལམ་ལ་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་བཅོས་སྒྲིག་བྱ་རྒྱུ།
བཞི་པ། བཅོས་སྒྲིག་བྱ་ཐབས།
(གཅིག) ཁྲིམས་སྒྱུར་ནན་པོ་བྱེད་པ།
འགྲིམ་འགྲུལ་དོ་དམ་ཚན་པས་ས་ཆ་གཏན་འཁེལ་གྱི་ཞིབ་བཤེར་དང་།སྐོར་སྐྱོད་ཞིབ་བཤེར། མཚན་བཤེར།གློག་མིག་གིས་པར་ལེན་བྱེད་པ་སོགས་ཟུང་འབྲེལ་ཐོག་ནས་འགྲིམ་འགྲུལ་སྒྲིག་འགལ་གྱི་གནས་ཚུལ་གཅིག་ཤེས་རྟོགས་བྱུང་ན་དེར་ཞིབ་བཤེར་དང་སློབ་གསོ་རྒྱག་པ། དངུལ་ཆད་གཅོད་པ་དང་སྐར་མ་འཐེན་པ། འཁོར་རིགས་གནས་སྐབས་བཙན་ཉར་དང་སྲིད་འཛིན་གྱི་བཀག་ཉར་བྱེད་པ་སོགས་ཀྱི་ཆད་པ་བཅད་ནས་ཁྲིམས་འགལ་རིགས་རྒྱ་ཡན་དུ་མི་ཤོར་བ་བྱེད་ཀྱི་ཡིན།
(གཉིས) སློབ་གསོ་དང་ཁྲིད་སྟོན་གཉིས་ཟུང་འབྲེལ་བྱེད་པ།
འགྲིམ་འགྲུལ་སྒྲིག་འགལ་ཆུང་གྲས་རིགས་ཐོན་དང་པོར་སློབ་གསོ་དང་ཉེས་ཆད་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ་དང་། ལས་ཡུལ་དངོས་སུ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཁྲིམས་ལུགས་བརྒྱུད་བསྒྲགས་བྱས་ཏེ། རང་ཉིད་ཀྱི་ནོར་འཛོལ་ཧ་གོ་བ་བྱས་ནས་ཁྲིམས་སྲུང་གི་མི་སྣ་ཞིག་ཏུ་འགྱུར་ཐུབ་པ་བྱེད་རྒྱུ།
(གསུམ) སྒྲིག་འགལ་དམར་རྗེན་དུ་བཏོན་ནས་ཉེན་བརྡ་གཏོང་བ། དེ་ཡང་། མཚོ་སྨད་སྤྱི་བདེ་དང་། དྲ་འཕྲིན་མཚོ་སྨད་སོགས་གཞུང་ཕྱོགས་ཀྱི་འཕྲིན་ཕྲན་སྤྱི་སྟེགས་བརྒྱུད་ནས་དུས་ཚོད་གཏན་འཁེལ་ནང་འགྲིམ་འགྲུལ་ཁྲིམས་འགལ་གྱི་གྱོད་དཔེ་དང་། ཁྲིམས་འགལ་གྱི་མི་སྣ་དང་འཕྲུལ་ཆས་སོགས་དམར་འདོན་གྱིས་སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཏེ་ཟིལ་ཤུགས་ཤིག་ཆགས་པ་བྱ་རྒྱུ།
ལྔ་པ། འབྲེལ་ཡོད་བླང་བྱ།
(༡)ཚང་མས་རང་འགུལ་གྱིས་འགྲིམ་འགྲུལ་བདེ་འཇགས་དང་ཁྲིམས་ལུགས་ཁྲིམས་སྲོལ་ལ་སྲུང་རྩི་ཞུས་ཏེ། རང་འགུལ་ངང་འགྲིམ་འགྲུལ་སྒྲིག་ལམ་གྱི་བྱ་སྤྱོད་ངན་པ་དོར་ནས། ཡ་རབས་ངང་ཁ་ལོ་བྱེད་པ་དང་། བདེ་འཇགས་ངང་འགྲོ་འོང་བྱེད་པ། ཐིག་ཚད་ལྟར་འཁོར་རིགས་འཇོག་པ་བཅས་ཀྱིས། འགྲིམ་འགྲུལ་དོ་དམ་ཚན་པའི་ལས་ཀར་གཞོགས་འདེགས་ཧུར་ཐག་ངང་བྱེད་དགོས།
(༢)འཕྲུལ་སྒུལ་དང་འཕྲུལ་མིན་འཁོར་རིགས་གཏོང་མཁན་གྱིས་འགྲིམ་འགྲུལ་བརྡ་རྟགས་དང་། འགྲིམ་འགྲུལ་ལམ་ཐིག འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལྟར་བསྐྱོད་ནས་འགྲིམ་འགྲུལ་སྒྲིག་འགལ་སྣ་ཚོགས་མི་ཐོན་པ་བྱེད་དགོས།
(༣) འགྲིམ་འགྲུལ་དོ་དམ་ལས་ཀར་བཀག་འགོག་བྱེད་པ་དང་གནོན་ཤུགས་སྤྲོད་པ། གཞོགས་འདེགས་མི་བྱེད་པའི་རིགས་ལ་སྤྱི་བདེ་ཚན་པས་ཁྲིམས་བཞིན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
(༤)རྒྱ་ཆེའི་ལས་བྱེད་པ་དང་མངས་ཚོགས་རྣམ་པས་འགྲིམ་འགྲུལ་སྒྲིག་འགལ་རིགས་ཐེར་འདོན་ཧུར་ཐག་གནང་རྒྱུའི་རེ་བ་ཡོད།
ཐེར་འདོན་ཁ་པར། ༠༨༩༣--༧༤༠༢༡༥༢
དེ་དོན་ཆེད་དུ་སྤྱི་བསྒྲགས་སྤེལ།
མཚོ་སྨད་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས།
༢༠༢༦ལོའི་ཟླ་བ་༤པའི་ཚེས་༣ཉིན།
