各乡镇、县(中区)直各单位、寺管会、人民团体:
为进一步做好育儿补贴申领发放工作,根据上级有关通知精神,现将有关要求通知如下:
ཤང་གྲོང་རྡལ་དང་རྫོང(ཀྲུང་དབྱང་། ལྗོངས)ཐད་གཏོགས་སྡེ་ཚན། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་། མི་དམངས་ཚོགས་པ་བཅས་ལ།
བུ་གསོའི་ཁ་གསབ་ལེན་པའི་རེ་ཞུ་འདོན་པ་དང་སྤྲོད་པའི་ལས་དོན་ལེགས་པོ་སྤེལ་ཆེད། གོང་རིམ་གྱི་བརྡ་ཐོའི་སྙིང་དོན་གཞིར་བཟུང་། འབྲེལ་ཡོད་བླང་བྱ་ཁག་བརྡ་ཐོ་གཏོང་རྒྱུ་གཤམ་ལྟར།
一、广泛宣传,及时申报
对于2022年至2024年出生的婴幼儿,都应当在2025年提出育儿补贴申请,如果在今年内没有申请,将被视为自动放弃当年申请资格。请大家向广大干部群众积极做好政策宣传,动员做好申报。
དང་པོ། རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་དུས་ཐོག་ཏུ་རེ་ཞུ་བྱེད་དགོས།
༢༠༢༢ལོ་ནས་༢༠༢༤ལོའི་ནང་སྐྱེས་པའི་ཕྲུ་གུ་ཡིན་ཕྱིན། ༢༠༢༥ལོའི་ནང་ངེས་པར་དུ་བུ་གསོའི་ཁ་གསབ་ཞུ་ལེན་གྱི་རེ་ཞུ་འདོན་དགོས། གལ་སྲིད་འདི་ལོ་རེ་ཞུ་མ་བྱས་ཚེ་ལོ་འདིའི་རེ་ཞུའི་འོས་ཐོབ་རང་མོས་ཀྱིས་བློས་བཏང་བར་བརྩི་རྒྱུ་རེད་འདུག་པས། ཚང་མས་ཕན་ཚུན་དྲིལ་བསྒྲགས་ཧུར་ཐག་གིས་ཞུ་ལེན་བྱེད་རྒྱུར་སྐུལ་སློང་གནང་རོགས།
(一)2025年1月1日及以后出生的婴幼儿。
首次申请需在婴幼儿出生当年或次年提出,之后连续两个年度还需分别提出续领申请。例如,婴幼儿在2025年出生,首次申请可在2025年或2026年进行,然后在之后的连续两个年度分别提出续领申请。
(གཅིག) ༢༠༢༥ལོའི་ཟླ་༡ཚེས་༡ཉིན་དང་དེའི་རྗེས་སྐྱེས་པའི་ཕྲུ་གུ་ཡིན་ཕྱིན།
རེ་ཞུ་ཐེངས་དང་པོ་དེ་ཕྲུ་གུ་སྐྱེས་པའི་ལོ་ད་ག་རང་ངམ་དེའི་ཕྱི་ལོར་བྱེད་དགོས་པ་དང་། དེའི་རྗེས་ཀྱི་ལོ་གཉིས་བསྟུད་མར་ལོ་སོ་སོར་རེ་ཞུ་ཐེངས་རེ་བྱེད་དགོས། དཔེར་ན། ༢༠༢༥ལོར་སྐྱེས་པའི་ཕྲུ་གུར་ཆ་བཞག་ན། རེ་ཞུ་ཐེངས་དང་པོ་དེ་༢༠༢༥ལོ་དང་༢༠༢༦ལོ་གང་རུང་ལ་བྱེད་དགོས་པ་དང་། དེ་རྗེས་ཀྱི་ལོ་གཉིས་བསྟུད་མར་ལོ་སོ་སོར་རེ་ཞུ་ཐེངས་རེ་བྱེད་དགོས།
(二)2025年1月1日之前出生的婴幼儿。
2022年出生的婴幼儿:可申领1次补贴,必须在2025年提出申请,截止时间为2025年12月31日。
2023年出生的婴幼儿:可申领2次补贴,分别在2025年和2026年提出申请。2025年的申请截止时间为2025年12月31日,2026年需在当年规定时间内申请。
2024年出生的婴幼儿:可申领3次补贴,分别在2025年、2026年和2027年提出申请。
2025年的申请截止时间为2025年12月31日,2026年和2027年需在各自当年规定时间内申请。
(གཉིས) ༢༠༢༥ལོའི་ཟླ་༡ཚེས་༡གོང་སྐྱེས་པའི་ཕྲུ་གུ་ཡིན་ཕྱིན།
༢༠༢༢ལོར་སྐྱེས་པའི་ཕྲུ་གུར་ཁག་གསབ་རེ་ཞུ་ཐེངས་གཅིག་བྱས་ཆོག་ཅིང་། དེ་ཡང་ངེས་པར་དུ་༢༠༢༥ལོའི་ནང་ཚུན་དུ་རེ་ཞུ་བྱེད་དགོས། རེ་ཞུ་མཇུག་སྒྲིལ་བའི་དུས་ཚོད་ནི་༢༠༢༥ལོའི་ཟླ་༡༢ཚེས་༣༡ཉིན་ཡིན།
༢༠༢༣ལོར་སྐྱེས་པའི་ཕྲུ་གུར་ཁ་གསབ་རེ་ཞུ་ཐེངས་གཉིས་བྱས་ཆོག་ཅིང་། དེ་ཡང་༢༠༢༥ལོ་དང་༢༠༢༦ལོ་སོ་སོར་རེ་ཞུ་བྱེད་དགོས། ༢༠༢༥ལོའི་རེ་ཞུ་མཇུག་སྒྲིལ་བའི་དུས་ཚོད་ནི་༢༠༢༥ལོའི་ཟླ་༡༢ཚེས་༣༡ཉིན་ཡིན་པ་དང་། ༢༠༢༦ལོར་ལོ་འདིའི་ནང་གཏན་འབེབས་བྱས་པའི་དུས་ཚོད་ལྟར་རེ་ཞུ་འདོན་དགོས།
༢༠༢༤ལོར་སྐྱེས་པའི་ཕྲུ་གུར་ཁ་གསབ་རེ་ཞུ་ཐེངས་གསུམ་བྱས་ཆོག དེ་ཡང་༢༠༢༥ལོ་དང་། ༢༠༢༦ལོ།༢༠༢༧ལོ་སོ་སོར་རེ་ཞུ་བྱེད་དགོས། ༢༠༢༥ལོའི་རེ་ཞུ་མཇུག་སྒྲིལ་བའི་དུས་ཚོད་ནི་༢༠༢༥ལོའི་ཟླ་༡༢ཚེས་༣༡ཉིན་ཡིན་པ་དང་། ༢༠༢༦ལོ་དང་༢༠༢༧ལོར་ལོ་དེའི་ནང་གཏན་འབེབས་བྱས་པའི་དུས་ཚོད་ལྟར་རེ་ཞུ་འདོན་དགོས།
二、申领途径
还未申请的宝爸宝妈可通过支付宝、微信平台搜索“育儿补贴”小程序,或到所在乡镇办理。
གཉིས་པ། ཞུ་ལེན་བྱ་ཐབས།
ད་དུང་རེ་ཞུ་བྱས་མེད་པའི་ཕ་མས་དངུལ་སྤྲོད་འབོ་དང་འཕྲིན་ཕྲན་གྱི་ལས་སྟེགས་ཐོག"བུ་གསོའི་ཁ་གསབ"ཅེས་པའི་བྱ་རིམ་ཆུང་ངུ་བཙལ་བའམ་ཡང་ན་རང་ཉིད་གནས་སའི་ཤང་གྲོང་རྡལ་དུ་བསྐྱོད་ནས་སྒྲུབ་གཉེར་བྱས་ན་འགྲིག
三、特别提醒
当前距2025年申请截止还剩半个多月的时间,对于2022-2024年出生的婴幼儿,今年必须申请一次,否则将会少领一次补贴;对于2025年1月1日及以后出生的新生儿,家长虽可在2025-2027年分阶段申请,但同样建议在婴儿出生后三个月内及时完成登记,以充分享受政策红利。
གསུམ་པ། དམིགས་སུ་བཀར་ནས་དྲན་སྐུལ་ཞུ་རྒྱུར།
ད་ལྟ་ནས་༢༠༢༥ལོའི་རེ་ཞུའི་དུས་ཚད་མ་ཡོལ་བར་ཟླ་ཕྱེད་ཙམ་ལས་བསྡད་མེད་པས། ༢༠༢༢ལོ་ནས་༢༠༢༤ལོ་བར་སྐྱེས་པའི་ཕྲུ་གུ་ཡིན་ཕྱིན། འདི་ལོ་ཡིན་ཅིག་རེ་ཞུ་ཐེངས་གཅིག་བྱེད་དགོས། གལ་སྲིད་དུས་ཚོད་འགྱངས་ན་ཁ་གསབ་ཐེངས་གཅིག་གྱོང་གུན་རག་གི་འདུག ༢༠༢༥ལོའི་ཟླ་༡ཚེས་༡ཉིན་དང་དེའི་རྗེས་སྐྱེས་པའི་ཕྲུ་གུ་ཡིན་ན། དེའི་ཕ་མས་༢༠༢༥ལོ་ནས་༢༠༢༧ལོ་བར་དུས་རིམ་་ལྟར་རེ་ཞུ་བྱས་ཆོག འོན་ཀྱང་། ཕྲུ་གུ་སྐྱེས་རྗེས་ཀྱི་ཟླ་གསུམ་ནང་ཚུད་དུ་ཐོ་འགོད་བྱས་ཚར་བ་བྱས་ཏེ། སྲིད་ཇུས་ཀྱི་གཟིགས་སྐྱོང་གང་ལེགས་སྤྱོད་ཐུབ་པ་བྱེད་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།
措美县卫生健康委员会(疾控局)
མཚོ་སྨད་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང(རིམས་འགོག་ཅུད)
2025年12月10日
༢༠༢༥ལོའི་ཟླ་༡༢ཚེས་༡༠ཉིན།
